མགར་ཆོས་ཉིད་དོན་རྟོགས་ཀྱི་པོད་ཁུག

關於部落格

གྲོགས་པོ་ཚོ་འདིར་ཕེབས་པར་དགའ་བསུ་ཞུ།།
  • 4985

    累積人氣

  • 0

    今日人氣

    0

    訂閱人氣

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་བགྲོ་གླེང་།

                                                      

 

                                       ༄༅།།   །རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།།

                                   國際藏傳佛教研究會

           International Tibetan Buddhism Study Institute

 

 

༄༅།།   །བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་བགྲོ་གླེང་།

 

                  དང་པོ།  མཐུན་སྒྲིལ།      ༼༡༽   བོད་བརྒྱུད་ཀྱི་ཆོས་བརྒྱུད་ནང་ཁུལ་ཇི་ལྟར་མཐུན་སྒྲིལ་བྱེད་རྒྱུ།

                                          ༼༢༽   ཆོས་བརྒྱུད་གཞན་ལ་མཐུན་ལམ་ཇི་ལྟར་འཛིན་རྒྱུ། 

                                          ༼༣༽   བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ཇི་ལྟར་བསྐང་རྒྱུ།

                           

                  གཉིས་པ།   འཛིན་སྐྱོང་།   ༼༡༽   ཆོས་ཚོགས་སོ་སོའི་ལྷག་བསམ་དང་ཤེས་ཡོན་ཅན་གྱི་མི་སྣ་ཇི་ལྟར་སྐྱེད་བསྲིངས་བྱེད་རྒྱུ། 

                                          ༼༢༽   ཆོས་ཚོགས་ནང་དུ་འཆད་ཉན་གྱི་གཞི་རྐང་ཇི་ལྟར་་འཛུག་རྒྱུ།

                                          ༼༣༽   ཆོས་ཚོགས་མི་ཉུང་བ་ཞིག་ཉམས་རྒུད་དུ་འགྲོ་དང་འགྲོ་བཞིན་པའི་རྒྱུ་རྐྱེན་ལ་དཔྱད་པ་དང་

                                                   མ་འོང་པར་ཆོས་ཚོགས་སྲ་བརྟན་ཡོང་བའི་ཐབས་ལམ་ལ་ཇི་ལྟར་འབད་བརྩོན་བྱེད་རྒྱུ།

                         

                  གསུམ་པ།  དར་སྤེལ།      ༼༡༽   ནང་ཆོས་སྤེལ་སྟངས་ཐད་ཀྱི་ལེགས་སྤེལ་ཉེས་འགོག་གི་དྲན་ཚུལ།

                                          ༼༢༽  བསྟན་པའི་གོ་རིམ་དང་མཐུན་པར་ནང་ཆོས་ཇི་ལྟར་སྤེལ་ཚུལ།

                                          ༼༣༽  སེར་སྐྱ་ཡོངས་ཀྱིས་ཆོས་དང་ཡུལ་དུས་དང་མཐུན་པའི་ཀུན་སྤྱོད་ལ་ཇི་ལྟར་གཟབ་ནན་བྱེད་རྒྱུ།

                        

                                   ༑  གདན་ཞུའི་མི་སྣ་སོ་སོའི་དགའ་མོས་དང་གོ་རྟོགས་ཡོད་པའི་བརྗོད་གཞི་འདམས་ནས་གླེང་བརྗོད་བྱེད་རྒྱུ། 

        བརྗོད་གཞིའི་ཐོག་ཆེད་རྩོམ་ཉུང་ངུ་རེ་འབྲི་ཐུབ་ན་རབ་དང་། 

                   དེ་མིན་ཡང་བརྗོད་བྱ་སོགས་གོ་སྒྲིག་གང་ལེགས་ཡོང་རྒྱུའི་གསལ་འདེབས་ཞུ་བ་ལགས་སོ།།

 

               རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནས་༢༠༡༡ལོའི་ཟླ་༡ཚེས་༣༠ལ།

 

                      

 

     བཀོད་སྒྲིགས་པ།

 རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།    

ཐའེ་ཝན་ཐའེ་པེ་གྲོང་ཁྱེར།

འཚོགས་པའི་དུས་ཚོད།

༢༠༡༡ ལོའི་ཟླ་༢ ཚེས་༢༤ ཉིན།     རེ་གཟའ་ཕུར་བུ།

སྔ་དྲོ་ཆུ་ཚོད་༨་༣༠ནས་ཕྱི་དྲོ་ཆུ་ཚོད་ ༤་༣༠ བར།

འབྲེལ་བ་བྱེད་ས།

ཞིབ་འཇུག་ཚོགས་པའི་གཞུང་ལས་ཁང་།

ཁ་པར་ཨང་གྲངས།   ༠༢ ༨༦༦༥༠༩༤༠   

གློག་འཕྲིན་དང་དྲ་ཚིག་ཁ་བྱང་།

  E-mail: itbsi@buddhajnana.org

www.buddhajnana.org

འཚོགས་པའི་ས་ཆ།

 

台北市花園大酒店  ཐའེ་པེ་གྲོང་ཁྱེར་མེ་ཏོག་ལྡུམ་ར་ཨར་ཁང་ཆེན་མོ།

地址:台北市中華路二段1(中華路、廣州街口)

       

交通:捷運西門站、捷運小南門站 

 

電話:02--2314-6611

 

 
相簿設定
標籤設定
相簿狀態