追蹤
མགར་ཆོས་ཉིད་དོན་རྟོགས་ཀྱི་པོད་ཁུག
關於部落格

གྲོགས་པོ་ཚོ་འདིར་ཕེབས་པར་དགའ་བསུ་ཞུ།།
  • 4996

    累積人氣

  • 0

    今日人氣

    0

    追蹤人氣

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགྲོན་བརྡ།

 

 

                                                      pastedGraphic.pdf

 

                        ༄༅།། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ།

                                                 國際藏傳佛教研究會

                 International Tibetan Buddhism Study Institute

                ༄༅།། རིས་མེད་བསྟན་པའི་དེ་ཉིད་ལ་མཁྱེན་དཔྱོད་མཆོག་ཏུ་ཡངས་པའི་

                                                            སྐུ་དྲུང་དུ་ཆེད་གསོལ།

 

  འདི་ག་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་ཐོག་མའི་དམིགས་ཡུལ་དང་ལས་    གཞིའི་རྩ་དོན་ལྟར།  རྒྱལ་བསྟན་སྤྱི་དང་ཁྱད་པར་རིས་སུ་མ་ཆད་པའི་གངས་ལྗོངས་ཆོས་བརྒྱུད་ཡོངས་ཀྱི་བསྟན་པ་དར་སྤེལ་སོགས་ཀྱི་ཆེད། འདི་ལོའི་བགྲོ་གླེང་ལས་འཆར་གྱི་ཁོངས་སུ་སྤྱི་ལོ་༢༠༡༡གི་ལོ་མགོ་འདིར། ཐོག་མར་ཐའེ་ཝན་གནས་བཞུགས་བོད་བརྒྱུད་གྲུབ་མཐའ་ཁག་གི་གལ་ཆེན་གྱི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་གཏན་ཁེལ་བ་ལགས་ན། སྐུ་ཉིད་ནས་བསྟན་པའི་ལ་རྒྱ་དང་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ལས་གཞིར་རམ་འདེགས་སོགས་ཀྱི་ཆེད་

ངེས་ཕེབས་ཡོང་བར་མཁྱེན།

 

རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྤྱི་ལོ་༢༠༡༡ལོའི་ཟླ་བ་༡ཚེས་༣༠ལ།

                                                           བཀྲ་ཤིས་བདེ་ལེགས།

  

 


相簿設定
標籤設定
相簿狀態